ཁྲི་ལྡེ་གཙུག་བརྟན།
༡༠༠༽ མེ་བྱི་(ཕྱི་ལོ་༧༣༦)ལོར་བློན་སྐྱེས་བཟང་ལྡོང་བཙན་གྱིས་བྲུ་ཞ་ལ་དམག་དྲངས། བྲུ་ཞས་རྒྱ་ནག་ཐང་གོང་མར་སྐྱབས་འཇུག་ཞུས།
༡༠༡༽ གོང་མའི་ཕོ་ཉ་ཝང་དོ་ཤིས་བོད་ལ་བཏང་ནས་དམག་མཚམས་འཇོག་རོགས་ཞེས་ཞུས་ཀྱང་བོད་ཕྱོགས་ཀྱིས་མ་ཉན་པར་བྲུ་ཞ་བཅོམ་སྟེ། ཕྱི་ལོ་༧༣༧ ལོར་ཡོངས་སུ་དབང་དུ་བསྡུས།
༡༠༢༽ ས་ཡོས་(ཕྱི་ལོ་༧༣༩)ལོར་རྒྱ་བཟར་སྲས་འཁྲུངས་མ་ཐུབ་པར་ཡུམ་སྲས་གཉིས་ཀྱི་སྐུ་སྲོག་ཤོར་བ་དང༌། ལྷ་རྗེས་སྲས་མངལ་ལས་བཏོན་པར་མཚར་སྡུག་ལྟ་བས་མི་ངོམ་པ་ཞིག་ཡོད་པ་གཟིགས་པས། འདི་ནི་ལྷའི་ཚ་བོ་ཞིག་འདུག་ཅེས་སྲས་ཀྱི་མཚན་ལ་ལྗང་ཚ་ལྷ་དབོན་གསོལ་བར་གྲགས།
༡༠༣༽ ལྕགས་སྦྲུལ་(ཕྱི་ལོ་༧༤༡)ལོར། བོད་ཀྱི་ཕོ་ཉས་གོང་མ་ཐང་ཞོན་ཙུང་ལ་ཀོང་ཇོ་གཤེགས་ཚུལ་ཞུས་པ་དང་ཆབས་ཅིག་ཐང་བོད་མུ་མཐུད་མཛའ་འབྲེལ་ཡོང་རེ་ཞུས་ཀྱང་མ་གསན།
༡༠༤༽ ཐང་དམག་འབོར་ཆེན་བཏང་ནས་མཚོ་སྔོན་དུ་དམག་འཐབ་དྲག་པོ་བྱས་ནས་མང་པོ་རྗེ་ཕམ། བོད་དམག་སུམ་ཁྲི་ཙམ་གྱི་སྲོག་ཤོར།